ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འདམ་གཞུང་གི་ནོར་གནག་ལས་ལྷ་སའི་ཐོན་ལས་རིམ་འཕར་གནས་ཚུལ་མཐོང་བ།

སྤེལ་དུས 2019-01-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
འདམ་གཞུང་གི་ནོར་གནག
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2015ལོར་བོད་ལྗོངས་འདམ་གཞུང་རྫོང་ནོར་གནག་གསོ་སྤེལ་གྱིས་ཀུང་སི་+རྟེན་གཞི་+ཞིང་དུད་དེ་རྨང་གཞི་བྱས་ཏེ། ཐོབ་ཐང་འཛིན་བྱང་ལྟ་བུ་ཡོད་པའི་ནོར་གནག་ཁྱབ་སྤེལ་བྱས་པས། འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ། 
            2016ལོའི་ཟླ་12པའི་ཚེས་28ཉིན། སྔར་གྱི་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ནས་འདམ་གཞུང་གི་ནོར་གནག་དེ་ས་གནས་ཀྱི་ཁྱད་རྟགས་ཐོན་རྫས་ཀྱི་ངོས་ཐད་ནས་སྲུང་སྐྱོབ་བྱེད་པར་ཆོག་མཆན་ཐོབ།
            2017ལོར་འདམ་གཞུང་ནོར་གནག་གི་ཤ་དེ་ས་གནས་ཁྱད་རྟགས་ཀྱི་བདེན་དཔང་ཚོང་རྟགས་ལ་མིང་རྟགས་འགོད་ཐུབ་པ་བྱུང་། དེ་ནས་བཟུང་འདམ་གཞུང་ནོར་གནག་གི་ཤའི་རིན་གོང་50%ཡན་འཕར།  ཐོན་ལས་ཐོན་འབོར་སྒོར་ཁྲི་34765.41ལ་སླེབས་པ་དང་། ཐོན་འབོར་ལྡབ་2ཡན་ལ་འཕར།
འདམ་གཞུང་རྫོང་དུ་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་ཡང་རྩེའི་གྲོས་མོལ་ཚོགས་འདུ་བསྡུས་པ།
            2018ལོའི་ཟླ་10པའི་ཚེས་18ཉིན། བོད་ལྗོངས་འདམ་གཞུང་རྫོང་གི་ནོར་གནག་ཤའི་དྲ་རྒྱའི་ཚོང་གཉེར་སྒོ་འབྱེད་མཛད་སྒོ་ལྷ་ས་ནས་སྤེལ་བ་དང་།  བོད་ལྗོངས་ནོར་གནག་གི་ཐོན་ལས་དེ་དྲ་རྒྱ་ཅན་དུ་གཏོང་བའི་རྣམ་པའི་སྲོལ་ཕྱེས། 
            ལོ་ངོ་4ཡི་རིང་ལ། འདམ་གཞུང་ནོར་གནག་ཐོན་ལས་དེ་རགས་པ་ནས་ཞིབ་མོ། ཁ་ཐོར་གསོ་སྤེལ་ནས་གཞི་ཁྱོན་ཅན་གྱི་གསོ་སྤེལ།  སོ་སོའི་ཁ་ཐོར་གྱི་སྟོབས་ཤུགས་ནས་ཐོན་ལས་ཡོངས་མཉམ་སྦྲེལ་ཅན་དུ་བཏང་། འཕེལ་རྒྱས་ཀྱི་གོམ་སྟབས་རེ་རེར་དཀའ་ཚེགས་ཆེ་ཞིང་། དེང་སྐབས་ནོར་གནག་གི་ཐོན་ལས་དེ་འདམ་གཞུང་རྫོང་གི་དབུལ་སྐྱོར་ཞིང་ཕན་གྱི་ཐོན་ལས་ཤིག་ཏུ་གྲུབ་ཟིན། 
            ལོ་འདི་དག་གི་འཕེལ་རྒྱས་གླེང་ཚེ།  འདམ་གཞུང་རྫོང་ཨུ་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་འཆི་མེད་ཚེ་རིང་གིས་གསུང་དོན།  འདམ་གཞུང་ནོར་གནག་ཐོན་ལས་མགྱོགས་པོར་འཕེལ་བའི་ལོ་འདི་དག་གི་རིང་ལ།  ཀྱག་ཀྱོག་གི་དཀའ་ཚེགས་མང་ལ།  དེ་ལས་ཤེས་རྟོགས་ཐུབ་པའི་གྲུབ་འབྲས་ནི་ངེས་པར་དུ་གཞི་ཁྱོན་ཅན་གྱིས་གསོ་སྤེལ་བྱས་ཏེ། ཐོན་ལས་ཡོངས་མཉམ་སྦྲེལ་བྱེད་དགོས།  བེའུ་ནས་བཤས་ཁོངས་སུ་གཏོང་བ། དེ་ནས་བཟའ་བཅའ་ལ་གྱུར་བའི་གོ་རིམ་རེ་རེར་ཚན་རིག་ཅན་དང་གཏན་འབེབ་ཅན། ཚད་ལྡན་ཅན་བཅས་ལ་གཏོང་དགོས།  དེ་ལྟར་བྱས་ན་ད་གཟོད་ཐོན་ལས་སུ་འགྱུར་ཐུབ་པར་བསྟན།
            འདམ་གཞུང་ནོར་གནག་ཐོན་ལས་ནི་འདམ་གཞུང་རྫོང་གི་ས་གཙང་བདེ་ཐང་གི་ཐོན་ལས་གསུམ་གྱི་གྲས་ཤིག་ཡིན།  དེང་སྐབས་གདམ་གཞུང་ནོར་གནག་ཐོན་ལས་ལ་ཐོག་མའི་གྲུབ་འབྲས་མངོན་པ་དང་། ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་ཀྱིས་བོད་ཀྱི་ཁྱིམ་བྱ་དང་།  བོད་སྤོས། གངས་ལྗོངས་ལྷ་ཆབ།བཞོན་མའི་གསོ་སྤེལ། འབྲས་ཆང་། ཁ་གདན་སོགས6གི་ཚད་ལྡན་མ་ལག་འཛུགས་སྐྲུན་ལེགས་གྲུབ་བྱུང་ཟིན་པ་དང་།  རྫས་གསུམ་ཚད་གཅིག་གི་ཐོན་རྫས་109ངོས་ལེན་བྱས། ལྷ་སའི་ས་གཙང་རྟགས་ཅན་དེ་2018ལོའི་ཀྲུང་ཧྭ་རྟགས་མའི་ཚོང་རྟགས་ཚོང་འགྲེམ་ཆེན་མོའི་སྟེང་གསེར་གྱི་བྱ་དགའ་ཐོབ། 
            ཐོན་ལས་རྣམ་པ་ཇི་ལྟར་མགྱོགས་མྱུར་ངང་གསར་བསྒྱུར་དང་རིམ་སྤར་སྒོས་ནུས་ཤུགས་ཡོད་དགུས་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ་ནི་འདམ་གཞུང་རྫོང་དང་ཐ་ན་ལྷ་ས་གྲོང་ཁྱེར་གྱིས་མུ་མཐུད་ནས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། 
གངས་ལྗོངས་ལྷ་ཆབ་ཀྱི་པེ་ཅིང་ཆེད་ཚོང་འགྲེམ་སྤེལ་ཕྱིར་འཚོང་གི་མཛད་སྒོ།
            ད་ལོའི་སྲིད་གཞུང་གི་བྱ་བའི་ལས་དོན་སྙན་ཞུའི་སྟེང་བསྟན་དོན། ལྷ་ས་གྲོང་ཁྱེར་ནི་མགྱོགས་མྱུར་འཕེལ་རྒྱས་ནས་མགྱོགས་མྱུར་འབྲིང་གི་འཕེལ་རྒྱས་ཀྱི་བར་བརྒལ་མཚམས་སུ་ཡོད་པ་དང་།  ལྷ་ས་གྲོང་ཁྱེར་དཀྱིལ་དབུས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡིན་ལ། མ་དངུལ་གྱིས་ཡར་འཐེན་དང་། གསར་གཏོད་ཀྱིས་སྐུལ་འདེད།  ཐོན་ལས་ཀྱིས་སྣེ་ཁྲིད། དངུལ་རྩས་འདེགས་སྐྱོར་བྱེད་པ་སོགས་ཀྱི་འཕེལ་རྒྱས་རྒྱུ་རྐྱེན་དག་མུ་མཐུད་ནས་གཅིག་ཏུ་འདུས་པས། ལྷ་ས་གྲོང་ཁྱེར་གྱིས་ཐོན་ལས་ལས་ཁུངས་རིམ་སྤར་ལག་བསྟར་བྱེད་པར་འཐབ་ཇུས་རང་བཞིན་ལྡན་པའི་གོ་སྐབས་གལ་ཆེན་ཐོབ། 
            དེ་ལ་གཞིགས་ནས། ལྷ་ས་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་དང་ཐོན་ལས་འཕེལ་རྒྱས་སྐུལ་སྤེལ་བྱེད་པ་དང་། ཐོན་ལས་ཆེན་པོ་བཞིའི་གནད་འགག་ལ་དམིགས་ནས།  མཁོ་འདོན་ངོས་ཀྱི་སྒྲིག་གཞིའི་རང་བཞིན་བཅོས་སྒྱུར་བྱེད་པ་ཇེ་མགྱོགས་སུ་བཏང་ནས། ཐེངས་གསུམ་པོའི་ཐོན་ལས་མཉམ་ལྡེབ་ངང་འཕེལ་རྒྱས་གཏོང་བ་དང་།  ཐོན་ལས་གྱི་རྣམ་པ་གསར་བསྒྱུར་དང་རིམ་སྤར་ཇེ་མགྱོགས་སུ་བཏང་ནས་ཞན་ཆ་ཁ་གསབ་སྒོས་ནུས་ཤུགས་ཡོད་དགུས་དེང་རབས་ཐོན་ལས་མ་ལག་གསར་དུ་འཛུགས་དགོས།
            རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ལེགས་དུ་བཏང་ནས།  ས་ཁུལ་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་དུ་འཛུགས་པ་དང་། ནུས་ཤུགས་ཡོད་དགུས་ལྷ་སའི་བྱང་ཐིག་ཡུལ་སྐོར་མིང་ཐོ་གསར་འཛུགས་བྱེད་དགོས། རིག་གནས་ཡུལ་སྐོར་མཐོར་འདེགས་གཏོང་བའི་ལས་གྲྭ་དང་ཞང་གྲོང་ཡུལ་སྐོར་དམངས་ཕྱུག་ལས་གྲྭ།  ཤེས་རབ་ཡུལ་སྐོར་ལས་གྲྭ་སོགས་གནད་འགག་གི་ལས་འགན་དག་དོན་ཐོག་དུ་འཁྱོལ་བར་བྱེད་དགོས། 
            ས་གཙང་བདེ་ཐང་ཐོན་ལས་རྒྱ་ཆེ་རུ་སྤེལ་བ་དང་། ས་གཙང་བདེ་ཐང་ཐོན་ལས་དང་ཞང་གྲོང་ཐོན་ལས་དར་སྤེལ་གཏོང་བའི་གནད་འགག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།  དམངས་གཉེར་མ་དངུལ་ཟབ་ཞུགས་བྱེད་པར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བ།  རོང་འབྲོག་ས་ཁུལ་གྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་།  དེང་རབས་ཚོང་རའི་ཚོང་གཉེར་མ་ལག་འཛུགས་སྐྲུན་བྱས་ཏེ།  དག་ཞིང་བདེ་ཐང་ཐོན་རྫས་ཕྱི་ཕྱོགས་སུ་འགྲོ་ཐུབ་པར་སྐུལ་འདེད་གཏོང་དགོས།
            དེང་རབས་ཞབས་ཞུའི་ལས་རིགས་ལེགས་པར་སྤེལ་བ།  དྲ་རྒྱ་འཕེལ་རྒྱས་སུ་བཏང་ནས། ཡཱོན་རྩིས་རྒྱག་དང་མིས་བཟོས་རིག་སྟོབས་སོགས་གསར་དར་ཐོན་ལས་ནུས་ཤུགས་ཡོད་དགུས་སྤེལ་བ། ཧུར་ཐག་སྒོས་ཀྲུང་གོའི་སྐུད་མེད་དྲ་བའི་དཔེ་སྟོན་གྲོང་ཁྱེར་གསར་འཛུགས་བྱས་ཏེ། ཆ་འཕྲིན་དམངས་ཕན་ལས་གྲྭ་ལག་བསྟར་བྱེད་པ་དང་། རོང་འབྲོག་ས་ཁུལ་གྱི་གློག་ཚོང་འབྲེལ་ལམ་ཤར་སྐྱོད་ཐུབ་པ་བཅས་བྱེད་དགོས།
            ལྗང་མདོག་ཅན་གྱི་ཐོན་ལས་སྟོབས་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་ཐོན་སྐྱེད་དག་བཤེར་ལ་ཤུགས་བསྣན་ནས། གོང་གི་བཟོ་ལས་ཁེ་ལས་གསོ་འཕེལ་ཀྱི་འཆར་གཞི་རྒྱ་ཆེ་རུ་གཏོང་བ། ཁེ་ལས་ཀྱི་གཙོ་ཤུགས་ནུས་པ་འདོན་སྤེལ་དང་། བཟོ་ལས་ཀྱི་ལས་གཞི་གསར་བ་འཛུགས་སྐྲུན་དང་ཐོན་སྐྱེད་བྱེད་འགོ་ཚུགས་པར་རྒྱུན་མཐུད་ཁག་ཐེག་ཡོད་པ་བཅས་བྱེད་དགོས།