ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“ས་མཐོའི་སྐར་ཆེན་ཟུང”གི་འོད་སྣང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སྟེགས་སྟེང་འཕྲོས་པ།

སྤེལ་དུས 2018-11-08ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་རྒྱལ་ཁབ་ཁག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གྲོས་ཞིབ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས31པའི་རིང་། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ་པདྨ་ལྷུན་འགྲུབ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་མཁས་འཇིགས་གྲགས་དབང་ཕྱུག་གིས་ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚབ་མཛད་དེ་སུའེ་ཙེར་གྱི་རི་ནེ་ཝའི་ཝན་གོ་ཕོ་བྲང་དུ་རྒྱལ་ཁབ་ཁག་གི་རི་ནེ་ཝར་རྒྱུན་སྡོད་ཕྱི་འབྲེལ་དཔོན་རིགས་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་དཔོན་རིགས།  དམངས་ཁྲོད་རྩ་འཛུགས་བཅས་ཀྱི་འཐུས་མི་སོགས་ལ་བོད་ལྗོངས་དང་མཚོ་སྔོན་གྱི་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་རིག་གནས་སྲུང་སྐྱོང་། དེ་བཞིན་མང་ཚོགས་ཀྱི་འཚོ་བ་སོགས་ཀྱི་གནས་ཚུལ་ལ་ངོ་སྤྲོད་གནང་ཡོད་འདུག
           དགེ་རྒན་ཆེན་མོ་པདྨ་ལྷུན་འགྲུབ་ཀྱིས་ལུས་ལ་ཨ་མདོའི་བོད་རིགས་ས་ཁུལ་གྱི་འབྲོག་པའི་སྲོལ་རྒྱུན་གྱོན་ཆས་སྤྲས་ཡོད་ཅིང་།  ཁོས་དབྱིན་སྐད་ཐོགས་པ་མེད་པའི་ལམ་ནས་སེམས་འགུལ་ཆེན་པོ་ཐེབས་པའི་ངང་བཤད་རྒྱུར། “ང་ནི་རོང་མ་འབྲོག་གི་རི་ཁུལ་གྱི་ཁྱིམ་ཚང་ཞིག་ལ་སྐྱེས་པ་ཡིན་ལ། དུས་རབས་གོང་མའི་ལོ་རབས80པར་ང་རང་ལོ་ན༡༠ལ་སོན་དུས་སློབ་གྲྭར་འགྲོ་སྐབས་རི་ལུང་བརྒལ་ནས་ཆུ་ཚོད་གསུམ་ལྷག་ཕྱིན་པ་ན་ད་གཟོད་ཞང་སྲིད་གཞུང་ལྟེ་བའི་སློབ་གྲྭར་འབྱོར་ཐུབ་མོད། དེང་སང་གྲོང་ཚོའི་ནང་གི་སློབ་ལོ་ལོན་པའི་བྱིས་པ་ཚང་མ་རང་གི་གྲོང་ཚོ་ནས་སློབ་གྲྭར་འགྲིམ་ཐུབ་པ་དང་།” "2000ལོར། ངའི་ཕ་ཡུལ་གྲོང་ཚོ་ཡོངས་རྨ་ཆུའི་འགྲམ་དུ་གནས་སྤོར་ཞིང་། གཉེན་ཉེ་དང་གྲོང་མི་ཁ་ཤས་ཀྱིས་ཞིང་འདེབས་པ་དང་། ཁ་ཤས་ཤིག་གྲོང་ཁྱེར་དུ་ཞོར་ལས་ལ་འགྲོ་གི་ཡོད་ལ། དུས་ཚིགས་ལ་སླེབས་དུས་སུ་ད་དུང་དབྱར་རྩྭ་དགུན་འབུ་བརྐོ་གི་ཡོད་པ་རེད། ས་གནས་དེ་གའི་སྲིད་གཞུང་གིས་ང་ཚོར་དེ་མིན་གཞན་སྣོད་བཅུད་ཁ་གསབ་སྤྲོད་པ་དང་། ངལ་རྩོལ་ནུས་ཤུགས་ཀྱི་མི་རེའི་ཆ་སྙོམས་ཀྱི་ལོ་རེའི་ཡོང་འབབ་སྒོར་ཁྲི2ཡན་ཟིན་ཡོད་ལ། སྲིད་གཞུང་གིས་ང་ཚོར་རོགས་རམ་བྱས་ཏེ་ཉེ་བའི་ལོ་ངོ་བཅུ་གྲངས་རིང་ལ་གོ་ལ་ཧྲིལ་པོ་དྲོ་རུ་ཕྱིན་པ་དང་། རྩྭ་ར་ཉམས་ཞན་དུ་གྱུར་པ་སོགས་ལས་བྱུང་བའི་འཚོ་གནས་དཀའ་ཁག་ཐག་གཅོད་བྱས་ཡོད་ཅིང་།”“དེང་ཆར་ཕ་ཡུལ་གྱི་གྲོང་མི་ཚོས་རང་གི་སྡེ་བའི་ནང་གི་མ་ཎི་ཁང་དང་སྔགས་ཁང་དུ་ཆོས་འདོན་པ་དང་། མཁྲེགས་འགྱུར་གཞུང་ལམ་ཡང་ཁྱིམ་ཚང་རེ་རེའི་སྒོ་ཁར་བཏིང་ཡོད་པ། སྨན་པ་བསྟེན་པར་སྨན་བཅོས་འགན་བཅོལ་ཁ་གསབ་ཡོད་པ། བདེ་འཇགས་འཐུང་ཆུའི་ལས་གྲྭ་སྐྲུན་བཞིན་ཡོད་པ། འབྲོག་པ་རྣམས་ཀྱིས་སེམས་ཁུར་བྱེད་ཀྱིན་པའི་འཚོ་བའི་ཕྱོགས་འདི་དག་ཐམས་ཅད་ཐད་ལ་རྒྱལ་ཁབ་ཀྱི་རོགས་སྐྱོར་གྱིས་ཕན་པ་ཐོབ་ཡོད་པ་དང་།”“འབྲོག་པ་ཚོས་ཕྱུགས་འཚོ་བ་ནི་འཚོ་གནས་ཀྱི་ཆེད་དུ་རེད་མོད། དེ་ལྟར་ནའང་སུ་ཞིག་གིས་ཁ་ཆར་བུ་ཡུག་དང་གནམ་གཤིས་ཤིན་ཏུ་འཁྱག་པའི་དུས་ཚིགས་སུའང་མཐའ་འཁོབ་རི་ལུང་དུ་འདུག་འདོད་ཡོད་དམ།” “ལྷན་རྒྱས་གོར་མོ་གྲོང་ཁྱེར་གྱི་འབྲི་ཆུའི་ཆུ་འགོའི་གྲོང་ཚོར་གཟིགས་སྐོར་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། དེ་གར་ཁྱེད་ཅག་གིས་ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་གི་སྣེ་གསུམ་པའི་དབུལ་ཕོངས་འབྲོག་པ་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་རོགས་རམ་གང་འདྲ་བྱས་པ་རྟོགས་ཐུབ་ལ། བོད་རིགས་མི་དམངས་ཀྱིས་སེམས་ཀྱི་གཏིང་ནས་སྐྱེ་ཁམས་གནས་སྤོར་ལ་རྒྱབ་སྐྱོར་དང་འབྲོག་པའི་གཞིས་ཆགས་གཏན་སྡོད་སོགས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱིན་པ་ཤེས་ཐུབ”ཅེས་ཟེར།
           པདྨ་ལྷུན་འགྲུབ་ཀྱིས་གཞན་ཡང་ཡུལ་དངོས་ནས་རང་ཉིད་ཀྱི་ལོ་མང་རིང་གི་ལས་ཀའི་མྱོང་ཚོར་ལོངས་སྤྱོད་གནང་འདུག་ཅིང་། ཁོས་དངོས་ལྗོངས་ཀྱི་པར་རིས་དང་གཞི་གྲངས་འབོར་ཆེན་དྲངས་ཏེ་ངོ་སྤྲོད་གནང་རྒྱུར། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ནི་རྒྱལ་ཡོངས་སུ(དེའི་ནང་ནང་བསྟན41ཡོད) རྒྱལ་ཁབ་ཀྱིས་ཆོག་མཆན་ཐོབ་པ་བརྒྱུད་བཙུགས་པའི་ཆོས་ལུགས་སློབ་གླིང91གྲས་ཀྱི་གཅིག་ཡིན་ཏེ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་གནང་ངོར་དགེ་འདུན་པས་སློབ་ཡོན་མི་དགོས་པའི་སློབ་གསོ་དང་ལེན་བྱ་ཐུབ་ཅིང་། ནང་བསྟན་སློབ་གླིང་གི་སློབ་ཁྲིད་ཆ་རྐྱེན་དང་དགེ་འདུན་པའི་ཟས་སྡོད་འགན་ལེན་སོགས་ནི་བོད་རིགས་ས་ཁུལ་དུ་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་པའི་བསྡུས་གཟུགས་ཤིག་རེད་ཅེས་ཟེར།
           འཇིགས་གྲགས་དབང་ཕྱུག་གིས་རང་ཉིད་ལྷ་སར་འཚར་ལོངས་བྱུང་བའི་མྱོང་བ་དཔེར་དྲངས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་བཅོས་བྱུང་བཞིན་པའི་དཔང་པོ་ཞིག་ཡིན་པའི་ངོས་ནས། རང་ཉིད་ལ་བལྟོས་བཅས་ཀྱིས་སྐད་ཆ་བཤད་དབང་ཅུང་མང་ཙམ་ཡོད་པ་རེད་ཅེས་བསྟན་བྱུང་། ཁོས་ད་ལྟ་བོད་ལྗོངས་སུ་ཕྱིན་ཚེ་མྱོང་སྣང་ཆེ་ཤོས་ནི་སྤུས་ལེགས་པའི་གཞུང་ལམ་དང་ལྕགས་ལམ། མཁའ་ལམ་འཛུགས་པ་སོགས་ཀྱིས་གྲུབ་པའི་ལངས་གཟུགས་ཀྱི་འགྲིམ་འགྲུལ་དྲ་བས་སྟབས་བདེ་བསྐྲུན་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་པ་དང་། བོད་རིགས་མང་ཚོགས་མཆོད་མཇལ་དུ་ཕྱིན་པ་སོགས་གདམ་ག་ཤིན་ཏུ་མང་པོ་བསྐྲུན་ཡོད་པ་རེད། མིག་སྔར།  བོད་ལྗོངས་སུ་གནམ་གྲུ་ཤར་གཏོང་ཐུབ་པའི་གནམ་ཐང5དང་། 99% ཡི་གྲོང་ཚོ་དང་གྲོང་རྡལ་ལ་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ། མཚོ་བོད་ལྕགས་ལམ་གཉེར་སྐྱོང་བདེ་བླག་བྱུང་བ་དང་། ཁྲོན་བོད་ལྕགས་ལམ་དང་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་སྒང་ཡིན་པ། བོད་སྐད་ཡིག་ནི་བོད་ཀྱི་ལྗོངས་ཡོངས་སུ་བེད་སྤྱོད་གཏོང་གི་ཡོད་ཅིང་། བོད་ཡིག་ནི་ཀྲུང་གོར་ཆ་འཕྲིན་ལག་རྩལ་དང་ཆ་འཕྲིན་བརྗེ་རེས་ཐད་ཡི་གེ་ཨང་རྟགས་ཀྱི་རྒྱལ་སྤྱིའི་ཚད་གཞི་སྤྱོད་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་ཐོག་མ་དེ་ཆགས་ཡོད་པ།ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་རིན་མེད་སྨན་བཅོས་རྨང་གཞིར་བྱེད་པ་དང་། སྲིད་གཞུང་གི་དངུལ་འཇོག་གིས་གཙོ་ཁྲིད་བྱེད་པ། ཁྱིམ་ཚང་གི་རྩིས་ཐོ་དང་། ནད་ཆེན་གཅིག་གྱུར་འཆར་འགོད་དང་སྨན་བཅོས་རྒུད་སྐྱོབ་ཟུང་འབྲེལ་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཆགས་ཡོད་པ་རེད་ཅེས་ཟེར།
           འཇིགས་གྲགས་དབང་ཕྱུག་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་སྲིད་གཞུང་གིས་མ་འཇོག་བརྒྱུད་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ1400ལྷག་ཙམ་ཉམས་གསོ་བྱས་པ་དང་། རིག་དངོས་འབོར་ཆེན་ཉམས་གསོ་སྲུང་སྐྱོབ་གནང་ཡོད་པ་རེད། 1994ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མངག་བཅོལ་བྱས་པའི་ཆེད་མཁས་ཀྱིས་ཉམས་གསོ་བྱས་པའི་རྩེ་པོ་ཏ་ལར་ཡུལ་དངོས་རྟོག་ཞིབ་གནང་སྐབས།  དེ་ནི“གནའ་བོའི་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར”ཞིག་སྟེ། དེས་ནི“བོད་ཀྱི་རིག་གནས་དང་མ་ཟད་འཛམ་གླིང་རིག་གནས་སྲུང་སྐྱོང་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད”ཅེས་དགོངས་ཡོད་པ་རེད། ད་ལྟའི་བོད་ལྗོངས་ནི་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཁེ་ཕན་ལ་རོལ་ཏེ་བོད་རིགས་མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་གནང་གི་ཡོད་ལ། སང་ཉིན་གྱི་བོད་ལྗོངས་སུ་སྤྱི་ཚོགས་དང་དཔལ་འབྱོར་འཛུགས་སྐྲུན་མུ་མཐུད་འཕེལ་རྒྱས་འགྲོ་ངེས་ཤིང་། སྲོལ་རྒྱུན་རིག་གནས་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་ངེས་ཟེར།
           ཡུལ་དངོས་སུ་ད་དུང་ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་ཀྱིས་བཟོས་པའི་བརྙན་ཐུང“བོད་ལྗོངས”གཟིགས་འབུལ་གནང་པར་དེར་འདུས་ཡོངས་ཀྱིས་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་པ་དང་། ཚོགས་ཞུགས་འཐུས་མི་མང་པོས“མཛེས་ཤིང་དོན་དངོས་དང་མཐུན་པ་ཞིག་རེད”ཅེས་གདེངས་འཇོག་གནང་ཡོད་འདུག