ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྐབས་བཞི་བའི་དགོན་སེར་དཔྱད་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

སྤེལ་དུས 2018-11-07ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “དགོན་སེར་དང་གོང་མའི་དགོན་པའི་འཕེལ་རྒྱས་ལས་ནང་བསྟན་ཀྲུང་གོ་ཅན་དུ་གྱུར་ཚུལ་གླེང་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་བཞི་བའི་དགོན་སེར་དཔྱད་གླེང་ཚོགས་འདུ་པེ་ཅིང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགོན་སེར་ནུབ་མར་སྤེལ་བ་རེད།
སྐབས་བཞི་བའི་དགོན་སེར་དཔྱད་གླེང་ཚོགས་འདུའི་ཡུལ་དངོས།
            ད་རེས་ཀྱི་གླེང་སྟེགས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་གནང་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། དགོན་སེར་དཔྱད་གླེང་ཚོགས་འདུ་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་གྱུར་བའི་རིག་གཞུང་སྤེལ་རེས་ལ་སྔར་བས་སྐུལ་འདེད་གཏོང་པ་བརྒྱུད། ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་བཏང་ཡོད་པ་རེད།
            ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཡོན་ཀྲང་གཞོན་པ་ཝང་ཁྲང་ཡུས་ཀྱིས་ཚེས6ཉིན་གྱི་སྔ་དྲོའི་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2016ལོའི་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྟོན་དུ་འཛིན་རྒྱུ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་དོན་འཁྱོལ་གནང་པ། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ། ངེས་པར་དུ་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་སྦྱོང་པ། ལྷག་པར་དུ་ཆོས་ལུགས་ལས་རིགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འདོན་སྤེལ་བྱས་ཏེ། ཆོས་ལུགས་ལས་རིགས་སྡེས་རང་རྟོགས་ཀྱིས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཡོན་ཀྲང་གཞོན་པ་ཝང་ཁྲང་ཡུས་ཀྱིས་གསུང་བཤད་གནང་བཞིན་པ།
            ཝང་ཁྲང་ཡུས་ཀྱིས་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བ་ནི་ནང་བསྟན་རང་ངོས་འཕེལ་རྒྱས་ཀྱི་བླང་བྱ་ཡིན་ལ།  ནང་པ་སངས་རྒྱས་ཀྱི་ཆོས་ལུགས་མི་སྣའི་རང་རྟོགས་ཀྱང་རེད། ལོ་རྒྱུས་ཐོག་རྒྱལ་ཁབ་ཀྱི་སྤྱི་པའི་དབང་ཆས་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་ནུས་པ་གལ་ཆེན་ཐོན་ཡོད་ཅིང་། ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་རང་ཉིད་ཀྱི་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་སློབ་གསོར་བློ་འགུག་བྱེད་པའི་ནུས་པའང་ཆགས་ཡོད་པ་དང་། ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་མཐའ་འབྲས་ནི་ནང་བསྟན་རིག་གནས་དེ་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་རྒྱུ་དེ་རེད། ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱ་དགོས་པ་དང་། ནང་བསྟན་རང་འགུལ་གྱིས་ཀྲུང་གོའི་སྲོལ་རྒྱུན་གྱི་རིན་ཐང་ལྟ་བ་དང་བསྟུན་དགོས་པ་རྒྱུན་འཁྱོངས་བྱ་རྒྱུ། ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་བྱུང་རྒྱུ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ནང་བསྟན་གྱི་དུས་རབས་གསར་པའི་ལེའུ་རྩོམ་དགོས་ཞེས་བསྟན་བྱུང་།
            ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཆོན་པའེ་ཡུན། དགའ་ལྡན་བྱིན་ཆགས་གླིང་དོ་དམ་ཁྲུའུ་ཡི་ཀྲུའུ་རེན་གཞོན་པ་ལིའུ་ཅུན། ཀུན་བདེ་གླིང་གི་མཁན་པོ་མེར་གན་ཐུའུ་བཅས་ཀྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུང་པ་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཏང་ཙུའུ་ཡི་ཁོངས་མི།  ཡོན་ཀྲང་གཞོན་པ་གནམ་ལྷ་བཀྲ་ཤིས་ཀྱིས་འགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་པ་རེད།
            ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་དབྱང་མི་རིགས་སློབ་ཆེན། རྒྱལ་ནང་གི་དགོན་སྡེ་ཆེ་གྲས་ཁག   རྟེན་རྫས་བཤམས་མཛོད་ཁང་སོགས་སྡེ་ཚན30ལྷག་ཙམ་གྱི་ཆེད་མཁས་དང་དགོན་པའི་འཐུས་མི། དེ་བཞིནཞང་ཀང་ས་ཁུལ་བཅས་ཀྱི་སྐུ་མགྲོན་བཅས་ཁྱོན་མི50ཙམ་སྐབས་འདིའི་གླེང་སྟེགས་ལ་ཞུགས་ཡོད་ཅིང་། ཚོགས་ཞུགས་འཐུས་མི30ཙམ་གྱིས་ནང་བསྟན་ཀྲུང་གོར་དར་རྗེས་ཀྲུང་གོའི་ས་གནས་རིག་གནས་མཉམ་འདྲེས་ཧུར་ཐག་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་འཚམ་པར་བྱས་པ་སོགས་ཐད་སྤེལ་རེས་ཞིབ་བསྡུར་གནང་པ་རེད།
            ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ལས་བཟོ་བ་དང་དཔེ་ཁྲིད་དགེ་རྒན། སྐབས14པའི་ནང་རིག་པའི་ཆེད་སྦྱོང་འཛིན་གྲྭ   སྐབས15པའི་མཐོ་རིམ་མཚན་གནས་འཛིན་གྲྭ་བཅས་ཀྱི་མི་གྲངས80ལྷག་ཙམ་ཟུར་ཉན་ལ་ཞུགས་གནང་ཡོད་པ་རེད།
སྐབས་བཞི་བའི་དགོན་སེར་དཔྱད་གླེང་ཚོགས་འདུའི་ཚོགས་ཞུགས་མི་སྣས་ཉི་འོད་ཐོག་ཁང་གི་མདུན་དུ་མཉམ་པར་བསྐྱོན་པ།
            ད་རེས་ཀྱི་གླེང་སྟེགས་ནི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་། པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་། ཁྲེང་ཏེའི་ཀུན་བདེ་གླིང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་གནང་པ་ཡིན་ལ་ཚོགས་ཡུན་ཉིན་གཉིས་རིང་རེད། གླེང་སྟེགས་ལ་ཁྱོན་དགོན་པའི་ལོ་རྒྱུས་རིག་གནས་ཞིབ་འཇུག་ཐད་ཀྱི་མུ་འབྲེལ་བརྩམས་ཆོས20དང་། རིག་གཞུང་དཔྱད་རྩོམ30ལྷག་འབྱོར་ཡོད་ཅིང་། ནང་དོན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལས་ཆོས་ལུགས་ཀྱི་གཞུང་ལུགས་དང་སྲིད་ཇུས་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། བོད་རྒྱའི་ནང་བསྟན་རིག་གནས། དགོན་སྡེའི་ལོ་རྒྱུས། ཨར་སྐྲུན། སྒྱུ་རྩལ་བཅས་པའི་ཐད་ཁྱབ་ཡོད་ཅིང་། སྐབས་འདིའི་གླེང་སྟེགས་སྟེང་ནང་བསྟན་ཀྲུང་གོ་ཅན་གྱི་རིག་གཞུང་ཞིབ་འཇུག་གི་བསམ་ཕྱོགས་གསར་པ་གཏོད་དེ་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་གསར་པ་རྒྱ་སྐྱེད་ཡོད་པ་རེད།
            དགོན་སེར་དཔྱད་གླེང་ཚོགས་འདུ་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད།  2013ལོར་གསར་དུ་ཚུགས་པ་ནས་སྐབས་གསུམ་རིང་གཉེར་ཡོད་པ་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཁྱད་ཆོས་ལྡན་པའི་མིང་རྟགས་ཤིག་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དམིགས་ཡུལ་དུ་འཛིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་རྒྱུ་རྩ་དོན་དུ་འཛིན་པ། བོད་བརྒྱུད་ནང་བསྟན་གྱི་རིག་གནས་སྤེལ་རེས་དང་འགྲོ་འོང་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ཡོད་པ་རེད། གླེང་སྟེགས་གཉེར་བ་བརྒྱུད་བོད་དང་འབྲེལ་བ་ཡོད་པའི་རིག་གཞུང་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་རིག་གནས་ཀྱི་ཆོས་དོན་དགོངས་འགྲེལ་དང་ཁྱབ་སྤེལ་ལ་སྐུལ་འདེད་གནང་པ། རིག་གཞུང་ཞིབ་འཇུག་ལ་སྤེལ་རེས་དང་གྲུབ་འབྲས་ངོམས་པའི་སྟེགས་བུ་བསྐྲུན་པ། མི་རིགས་མཐུན་སྒྲིལ་སྐུལ་སྤེལ་དང་ཆོས་ལུགས་འཆམ་མཐུན།སྤྱི་ཚོགས་འཆམ་མཐུན་ཐད་ནུས་པ་བཏོན་ཡོད་པ་རེད།